您的位置:首页 > 神奇刚察
ope最新网址-མཐོ་སྒང་མཚོ་ངོགས་བོད་མཁརA4་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གདམས།
来源: རྐང་ཚ་རྫོང་གསར་འགྱུར་ལྟེ་གནས།    时间:2018年05月23日    

__༥.༡༩་ཀྲུང་གོའི་ཡུལ་སྐོར་ཉིན་མོ།མཚོ་སྔོན་ཡན་ལག་ཚོགས་རའི་དབུ་འབྱེད་དང་མཐོ་སྒང་མཚོ་ངོགས་བོད་མཁརA4་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གདམས་པའི་མཚད་སྒོ་བོད་མཁར་རྐང་ཚར་སྤེལ།

མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་བྱང་ཕྱོགས་ཀྱི་བོད་མཁར་རྐང་ཚ་ནི་མཛེས་ཤིང་ལྟ་ན་སྡུག་ལ། ནགས་ཚལ་དང་རྩྭ་ཐང་གི་ཁ་དོག་རྣམ་པར་བཀྲ་བའི་རང་བྱུང་གི་གྱོན་ཆས་སྣ་ཚོགས་ལུས་སུ་བསྣམས་པ་དང༌། ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་གནས་སྐོར་ལྗོངས་རྒྱུ་བ་དག་གིས། བོད་མཁར་རྐང་ཚའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལ་མིག་གིས་བལྟས་ཤིང་སེམས་ཀྱིས་མྱངས།  ཉེ་ལམ་རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཡང་དག་པའི་མགོ་ཁྲིད་དང་། ཞིང་ཆེན་དང་ཁུལ་རིམ་པའི་ལས་དོན་སྡེ་ཁག་གིས་སྣེ་ཁྲིད་དང་ཐུགས་ཁུར་འོག རྐང་ཚའི་ལྗོངས་རྒྱུའི་རིག་གནས་བྱ་བཞག་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་ཡོད། ལྷག་པར་དུ་ད་ལོ་རྐང་ཚ་རྫོང་མཚོ་ངོགས་བོད་མཁར་ལ་རྒྱལ་ཁབ་རིམ་པའིA4་རིམ་པའི་ལྗོངས་རྒྱུ་གནས་མཆོག་ཏུ་གདམས་པ་ནི་རིགས་མཐུན་ཡོངས་ཀྱི་འབད་འབུངས་ལས་གྲུབ་པ་ཞིག་མ་ཡིན་ནམ།






 ད་ལོའི༥.༡༩་ཀྲུང་གོའི་ཡུལ་སྐོར་ཉིན་མོ། མཚོ་སྔོན་ཡན་ལག་ཚོགས་རའི་དབུ་འབྱེད་མཛད་སྒོ་མཚོ་ངོགས་བོད་མཁར་ནས་སྤེལ་བ་དང་། བསྟུད་མར་ཉིན་གཉིས་ཀྱི་རིང་ལ་རྐང་ཚས་རང་ས་ཁུལ་གྱི་ཡུལ་སྐོར་རིག་གནས་དང་འབྲེལ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་རྒྱ་ཆེ་བའི་མང་ཚོགས་དང་ལྟད་མོ་བ་ཡོངས་ཀྱི་ཡིད་སེམས་བསོས་ཏེ་སྤྲོ་བ་རབ་ཏུ་འཁོལ་བྱུང་།













སྤྱི་ལོ༢༠༡༨་ལོའི་ཟླ༥་བའི་ཚེས༡༩ཉིན།   ཁེ་རམས་ཐང་གི་ཉི་ཤར་གྱི་མཛེས་ལྗོངས་ལ་རོལ་མྱོང་བྱས་པ་དང་མཉམ་དུ་མདོ་དབུས་སྐྱེ་ཁམས་གླིང་གི་ཐང་ཆེན་དུ༥.༡༩་ཀྲུང་གོའི་ཡུལ་སྐོར་ཉིན་མོ། མཚོ་སྔོན་ཡན་ལག་ཚོགས་རའི་དབུ་འབྱེད་མཛད་སྒོ་དངོས་སུ་མགོ་བརྩམས་སྟེ། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ཚོང་རའི་དྲིལ་སྒྲོག་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཧེ་ཕེན་གྱིས་མདོ་འཛིན་བྱས། མཚོ་བྱང་ཁུལ་རྒྱུན་ལས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྷ་ཁོས་ཤིས་ཚིག་ཕུལ་བ་དང་། མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པ་ལིས་པོ་ཁྲོན་གྱིས་གཏམ་བཤད་གནང་།  མ་ཅིན་གང་དང་མྰོ་ཞོ་རོང་གཉིས་ཀྱིསA4་རིམ་པའི་ལྗོངས་རྒྱུའི་གནས་མཆོག་ཏུ་གདམས་པའི་ཡོལ་ཁེབས་དངོས་སུ་ཕྱེས། མ་ཅིན་གང་གིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བརྙན་ཐུང་དང་ཡུལ་སྐོར་གླུ་གཞས་འཚོལ་སྡུད་འགྲན་བསྡུར་སྟེང་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་དངོས་སུ་བྱ་དགའ་གནང་། དེ་མིན་མཚོ་འཁྱིལ་ཡུལ་ཚོའི་ལས་བྱེད་དང་མང་ཚོགས་རང་ཉིད་ཀྱིས་བསྒྲིགས་ཤིང་འཁྲབ་པའི་རིག་རྩལ་གྱ་ནོམ་པས་ཐེངས་འདིའི༥.༡༩་ཀྲུང་གོའི་ཡུལ་སྐོར་ཉིན་མོ། མཚོ་སྔོན་ཡན་ལག་ཚོགས་རའི་དབུ་འབྱེད་མཛད་སྒོ་སེམས་ཀྱིས་བསུས།







༥.༡༩་ཀྲུང་གོའི་ཡུལ་སྐོར་ཉིན་མོ། མཚོ་སྔོན་ཡན་ལག་ཚོགས་རའི་དབུ་འབྱེད་དང་མཐོ་སྒང་མཚོ་ངོགས་བོད་མཁརA4་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ཡོལ་བ་འབྱེད་པའི་མཛད་སྒོ་དངོས་སུ་ཕྱེས་པ་འདི་ལས་ང་ཚོའི་མཚོ་སྔོན་ཡུལ་སྐོར་གྱི་མདུན་ལྗོངས་སྔར་ལས་ལྷག་པ་དང་བོད་མཁར་རྐང་ཚ་ནི་མཚོ་སྔོན་པོའི་བྱང་ཕྱོགས་སུ་ལྷན་པའི་མུ་ཏིག་རྡོག་གཅིག་ཏུ་འགྱུར་བའི་རེ་བ་སྔར་ལས་ལྷག

 
































ནང་དོན་སྤེལ་མཁན།  ཚེ་རིང་སྒྲོལ་མ།  ཚེ་དབང་རིག་འཛིན།

པར་བ། ཚེ་དབང་རིག་འཛིན།


相 关 链 接
湟鱼洄游之路延续生命的远征2018/5/31
མཐོ་སྒང་མཚོ་ངོགས་བོད...2018/5/23
༥.༡༩མཚོ་སྔོན་ཡན་ལག་ཚ...2018/5/22