您的位置:首页 > 神奇刚察
ope最新网址-གསེར་ཉ་ཕྱིར་ལྡོག་པའི་ཡིད་འོང་གི་མཛེས་ལྗོངས།
来源:རྫོང་གསར་འགྱུར་ལྟེ་གནས།    时间:2018年05月31日    

བོད་མཁར་རྐང་ཚའི་སྐྱེ་ཁམས་ལེགས་བཅོས་ཐད་ལ་ལོ་མང་བོར་འབད་འབུངས་དང་དམངས་ཡོངས་ཀྱི་འདུ་ཤེས་དང་ཀུན་སྤྱོད་ལེགས་པསབོད་མཁར་རྐང་ཚ་ནི་མཛེས་ཤིང་ལྟ་ན་སྡུག་ལ། ནགས་ཚལ་དང་རྩྭ་ཐང་གི་ཁ་དོག་རྣམ་པར་བཀྲ་བའི་རང་བྱུང་གི་གྱོན་ཆས་སྣ་ཚོགས་ལུས་སུ་བསྣམས་ཡོད་པ་ཞིག་ཡིན་པ་མ་ཟད། གནས་འདི་རུ་འདབས་ཆགས་དང་ཉ་མོ་མང་བས། གནས་འདི་ལ་འདབས་ཆགས་ཉ་ཡི་ཞིང་ཁམས་བོད་མཁར་རྐང་ཚ་ཞེས་ཀྱང་མིང་བཏགས་ཡོད་པ་རེད། ལྷག་པར་དུ་ལོ་རེའི་ཟླ༥བ་ནས་༦པའི་ནང་ ཉ་ཕྲུག་སྐྱེའཕེལགྱི་མགོ་བརྩམས་ཏེ། གནས་འདི་རུ་གསེར་མིག་ཉ་མོའི་འཁྱུག་འགྲོས་མངོན་ཞིན་ཡོད་པས ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་གནས་སྐོར་ལྗོངས་རྒྱུ་བ་དག་གི་མིག་དབང་འཕྲོག་ལ་སེམས་ཀྱི་ལོངས་སྤྱོད་དུ་ཐུབ་ཡོད་པ་རེད། ཉེ་བའི་ལོ་འདི་དག་གི་རིང་ལ་རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་ཐུགས་ཁུར་འོག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམིགས་སུ་བཟུང་སྟེ། གནས་འདི་རུ་གསེར་ཉ་རྒྱུན་ལྡན་ངང་ཕྱིར་ལྡོག་པར་ཁག་ཐེག་བྱེད་ཆེད་ཉ་ཕྲུག་གསོ་སྤེལ་ར་བ་དང་། གསེར་ཉ་ཕྱིར་ལྡོག་གི་བགྲོད་ལམ། ཆུ་མཛོད་སོགས་བསྐྲུན་ཏེ་སྔར་ལས་ལྷག་པའི་སྒོ་ནས་གསེར་ཉ་ཕྱིར་ལྡོག་པར་ཕན་བདེ་བསྐྲུན་ཡོད་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་གྲུབ་འབྲས་ཀྱང་མངོན་གསལ་གྱིས་བླངས་ཡོད་པ་རེད། གཞན་ད་དུང་ད་ལོ་ཟླ༥བར་རྐང་ཚ་རྫོང་མཚོ་ངོགས་བོད་མཁར་ལ་རྒྱལ་ཁབAབཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གདམས་ལ། འདིའང་ཡུལ་འདིའི་མི་དམངས་མང་ཚོགས་ཀྱི་འབད་འབུངས་ལས་གྲུབ་པ་ཞིག་མ་ཡིན་ནམ།

རྐང་ཚའི་གསེར་ཉའི་ཁྱིམ་གཞིས།

 ཡུལ་འདིའི་དམངས་ཚོགས་དང་གསེར་ཉ་སྲུང་སྐྱོབ་ལས་རིགས་གཉེར་བའི་མི་སྣ་དག་ལས་རྒྱུས་ལོན་བྱུང་བ་ལྟར་ན། གསེར་ཉ་ལ་མཚོན་ན་ཚོགས་པའི་རང་བཞིན་དང་ཁྱིམ་རྒྱུད་ཀྱི་རང་བཞིན་སོགས་རྣམ་པ་མང་ལ། ཆུའི་སྤུས་ཚད་དང་རྩྭའི་སྤུས་ཚད་མི་འདྲ་བའི་ཆ་རྐྱེན་འོག་ཏུ་གསེར་ཉ་ཕྱིར་ལྡོག་བྱེད་པའི་གནས་ཚུལ་ཡང་མི་འདྲ་བ་དང་། མཚོ་སྔོན་པོའི་དགུན་དྲོ་དཔྱིད་འཁྱགས་ཀྱི་ནམ་ཟླས་ཀྱང་གསེར་ཉ་ཕྱིར་ལྡོག་པར་ཤུགས་རྐྱེན་མི་དམན་པ་ཐེབས་ཀྱི་ཡོད། གལ་ཏེ་སོས་ཀར་ནམ་ཟླ་དྲོ་སྐབས། གསེར་ཉ་ཕྱིར་ལྡོག་བྱེད་པའི་དུས་ཚོད་ཉིན་བཅོ་ལྔའི་སྔ་བ་ཡོད་ལ། ནམ་ཟླ་འཁྱགས་སྐབས་གསེར་ཉ་ཕྱིར་ལྡོག་བྱེད་པ་ལོ་སྔོན་མ་ལས་ཉིན་བཅོ་ལྔའི་འཕྱི་ཟེར།


དེ་བས་ད་ལོར་མཚོན་ན་དཔྱིད་དུས་ཀྱི་ནམ་ཟླ་དྲོ་བས། གསེར་ཉ་ཕྱིར་ལྡོག་བྱེད་པའི་དུས་ཚོད་ལོ་སྔོན་མ་དང་བསྡུར་ན་ཅུང་སྔ་ལ། ཉིན་འདི་གར་རྐང་ཚའི་བུ་ཧ་ཆུ་བོ་དང་འོམ་ཆུ་ཆུ་བོ་སོགས་མཚོ་སྔོན་པའི་ནང་དུ་འབབ་པའི་ཆུ་རྒྱུན་དག་ཏུ་གསེར་མིག་ཉ་མོའི་འཁྱུག་འབྲས་མངོན་ལ། ཉ་ཕྲུག་སྐྱེ་འཕེལགྱི་མགོ་བརྩམས་ཡོད་པ་འདིས་བོད་མཁར་རྐང་ཚའི་སྐྱེ་ཁམས་ལེགས་བཅོས་དང་ཁོར་ཡུག་སྲུང་སྐྱོབ་ཐད་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོན་ཡོད་པར་མ་ཟད། ཡུལ་སྐོར་ལྗོངས་རྒྱུ་བ་དག་གི་མིག་དབང་འཕྲོག་ལ་སེམས་ཀྱི་ལོངས་སྤྱོད་དུ་ཐུབ་པའི་ཉ་དང་བྱ་ཡི་ཞིང་ཁམས་ཞེས་པའི་མིང་དོན་མཚུངས་བའི་ཡུལ་འདིའི་ཁྱད་ཆས་གསོན་པོ་ཕྱིར་མངོན་ཡོད་པས། དུས་སྐབས་འདི་ནི་ཡུལ་སྐོར་ལྗོངས་རྒྱུ་བ་དག་ལ་མཚོན་ན་ གསེར་ཉ་ཕྱིར་ལྡོག་ལ་གཟིགས་པའི་ཆེས་ལེགས་པའི་དུས་ཚིགས་ཡིན།





ཉ་གསེར་མིག་དྭངས་གསལ་ཆུ་ལ་བརྟེན།

 

ནང་དོན་སྤེལ་མཁན།  ཚེ་རིང་སྒྲོལ་མ།  ཚེ་དབང་རིག་འཛིན།


相 关 链 接
ཉི་ཟེར་ཀློང་གི་ཡིད་ད...2018/6/22
རྐང་ཚར་རྐྱང་བསྐྱབས་པ...2018/6/3
湟鱼洄游之路延续生命的远征2018/5/31